མནའ་ཡ།
«NaYa»
ཚིག ཀུན་དགའ་རྒྱལ་མཚན། ཨོ་རྒྱན་རིག་འཛིན།
དབྱངས། ཨོ་རྒྱན་རིག་འཛིན།
ལེན་མཁན། ཀུན་དགའ་རྒྱལ་མཚན། ཨོ་རྒྱན་རིག་འཛིན།
རོལ་མོ། འབྲུག་ཆུང་རྒྱལ།
སྒྲ་ཕབ་ཞིབ་སྦྱོར། འབྲུག་ཆུང་རྒྱལ།
བརྙན་ལེན་དང་སྒྲིག་སྦྱོར། ཏཱ་ནཱ་སྤུན་ཟླ།
བརྙན་ལེན་སྒྲིག་སྦྱོར། ཏཱ་ནཱ་སྤུན་ཟླ།
བརྡ་ཁྱབ་ཇུས་འགོད། ཏཱ་ནཱ་སྤུན་ཟླ།
སྤུན་གྲོགས།…སྤུན་གྲོགས་ཟེར་བ།
ཕ་མ་གཅིག་གི་མིན་ཡང་ཕན་ཚུན་འདང་ཐང་ཆེ་བ།
ངེད་གཉིས་མཉམ་འཛོམས་བྱུང་སོང་།
སྤུན་ཟླ་འཛོམས་པས་ཆང་ཞིག་འཐུང་རོགས།
ཨ་ལ་ཡེ……ཡ་རེ་ལོ
阿拉耶……呀热洛
མནའ་སྐྱེལ་སྤུན་གྲོགས་ཁྱེད་ཡིན།
ཨ་ལ་ཡེ……ཡ་རེ་ལོ
阿拉耶……呀热洛
མནའ་སྐྱེལ་སྤུན་གྲོགས་ཁྱེད་ཡིན།
གསེར་ལུང་ཡག ས་ལ་སྐྱིད་པོ་བྱང་གི་རྩྭ་ཐང་རེད་ལ་ཟེར།
སྐྱིད་པོ་བྱང་གི་རྩྭ་ཐང་མཛེས་པོ་སོག་ཤོད་ལུང་པ་ཡོད་རེད།
སྐྱིད་པོ་བྱང་གི་རྩྭ་ཐང་མཛེས་པོ་སོག་ཤོད་ལུང་པ་ཡོད་རེད།
སྤུན་ཟླ་་་་སྤུན་ཟླ་ཟེར་བ།
སྔོན་མའི་ལས་ཀྱིས་འཕྲད་རེད།
ཚེ་རིང་ནད་མེད་ཡོང་བའི་བཀྲ་ཤིས་སྨོན་ཚིག་ཞུས་ཡོད།
སྤུན་ཟླ་འཛོམས་པའི་གླུ་ཞིག་ལེན་རོགས།
ཨ་ལ་ཡེ་་་་་ཡ་རེ་ལོ།
阿拉耶……呀热洛
སྙན་མོ་གཞས་ཞིག་བཏང་ནས།
སྤུན་ཟླ་ངེད་གཉིས་སྤྲོ་ཤོག
ཨ་ལ་ཡེ་་་་་ཡ་རེ་ལོ།
阿拉耶……呀热洛
སྤུན་ཟླ་འཛོམས་པའི་གླུ་འདི་སྙན་མོ་ངག་ནས་བརྗོད་ཡོད།